95442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་བུ་མཆོག་གི་གསལ་བྱེད་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ། ཞུགས་གནས་ཀྱི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད་ཅེས་བྱ་བ། འདི་ནི་མཚོན་བྱ་དོན་གྱི་དགེ་འདུན་ཤེར་ཕྱིན་ལས་གསུངས་པའི་ཚུལ། མཚོན་བྱེད་དཔེའི་དགེ་འདུན་མངོན་པ་ནས་གསུངས་པའི་ཚུལ། མཚོན་བྱེད་དེས་མཚོན་བྱ་དེ་ཇི་ལྟར་མཚོན་པའི་ཚུལ་བཅས་ས་བཅད་གསུམ་གྱི་སྒོ་ནས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོར་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་གི་སྐབས་སུ་དགེ་འདུན་ཉི་ཤུའི་རྣམ་གཞག་རྒྱ་ཆེར་སྟོན་པའི་བསྟན་བཅོས་ཤིག་གི་མཚན་ཡིན། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས། བོད་རབ་བྱུང་བརྒྱད་པའི་ལྕགས་ཕོ་སྟག་གི་ལོ་(ཕྱི་ལོ་༡༤༧༠)ཆོ་འཕྲུལ་ཆེན་པོའི་སྐར་མ་རྒྱལ་ལ་བབ་པའི་ཚེ་རྟ་ནག་གསེར་གླིང་གི་དགོན་པར་བརྩམས་སོ། །

{{#arraymap:སྐྱེས་བུ་མཆོག་གི་གསལ་བྱེད་

|; |@@@ | | }}