95444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་བུ་ཚད་མ་ (1)
Part of speech མིང་ཚིག
Definition བཅོམ་ལྡན་འདས་ཆོས་ཅན། སྐྱེས་བུ་ཚད་མ་ཉིད་ཡིན་ཏེ། གདུལ་བྱའི་དོན་ལ་མི་སླུ་བ་དེ་ངོ་བོར་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་དང་། སྐྱེས་བུ་ཚད་མ་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་ཡོད་དེ། ཕན་བཏགས་པའི་ལན་ལ་སོགས་པ་ལ་ལྟོས་པ་མེད་པར་སེམས་ཅན་ཐམས་ཅད་ལ་སྙོམས་པར་ཤིན་ཏུ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཐུགས་རྗེ་དེ་ཁྱོད་ཀྱི་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །དེའི་རྒྱུ་ནི། ཐུགས་རྗེ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམ་གོམས་པ་ལས་ཁྱོད་སྐྱེ་བའི་ཕྱིེར་རོ། །ཞེས་དང་། སྒྲུབ་བྱེད་ཐུགས་རྗེ་ཞེས་གསུངས་ན་སྒྲུབ་བྱེད་དུ་འགྱུར་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་རྒྱུ་ཙམ་ལས་འབྲས་བུ་སྒྲུབ་པ་འཁྲུལ་ནའང། རྒྱུ་དེ་ཡོད་པ་ཙམ་གྱིས་འབྲས་བུ་རང་དབང་དུ་འབྱུང་བ་ཡང་ཡོད་དེ། སྲེད་པ་ཡོད་ན་སྡུག་བསྔལ་གྱི་ཕུང་པོ་རང་དབང་དུ་འབྱུང་བ་བཞིན་ནོ། །དེས་ན་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་ཡོད་ན་སྟོན་པ་སོགས་ཕྱི་མ་གསུམ་རང་དབང་དུ་འབྱུང་བས་སྒྲུབ་བྱེད་དུ་འགྱུར་རོ་ཞེས་པ་ནི་བརྩེ་ལྡན་ཆོས་ཅན། གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་དུ་རང་ཉིད་སྡུག་བསྔལ་ཞི་བ་དང་རྗེས་སུ་མཐུན་པའི་ཐབས་ཏེ་ལམ་རྣམས་ལ་ནི་མངོན་པར་སྦྱོར་བར་མཛད་པ་ཡིན་ཏེ། གཞན་ལ་སྡུག་བསྔལ་ཞི་བའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཐབས་བྱུང་སྡུག་བསྔལ་ཞི་བ་དང་། དེའི་རྒྱུ་ཐབས་དེ་མངོན་སུམ་དུ་མ་རྟོགས་པར་རང་ལ་ལྐོག་ཏུ་གྱུར་པ་དེ་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་དཀའ་བ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཀུན་ཏུ་བཟང་པོའི་འོད་ཟེར་ལས་སོ། །
Domain ཚད་མ།

{{#arraymap:སྐྱེས་བུ་ཚད་མ་

|; |@@@ | | }}