95449

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་མཚན་བཅུའི་གྲས་ཤིག སོར་མོའི་ཕྲེང་བ་ལ་སོགས་པ་ཞེ་སྡང་ཆེ་བ་དང། དགའ་བོ་ལ་སོགས་པ་འདོད་ཆགས་ཆེ་བ་དང། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་གཏི་མུག་ཆེ་བའི་འདུལ་བའི་སེམས་ཅན་རྟ་རྒོད་དང་འདྲ་བ་འདུལ་དཀའ་བ་རྣམས་འཇམ་པོས་འདུལ་བ་ཡང་འཇམ་པོས་བཏུལ། དྲག་པོས་འདུལ་བ་ཡང་དྲག་པོས་བཏུལ། གཉི་གས་འདུལ་བ་ཡང་གཉི་གས་བཏུལ་ཏེ། ཐབས་བཟང་ཞིང་སླ་བས་ཐབས་བཞིན་དུ་བཏུལ་ནས་དོན་སྒྲུབ་པའི་མཆོག་མྱ་ངན་ལས་འདས་པ་ལ་གནས་པར་ཁ་ལོ་སྒྱུར་ཞིང་འཇོག་པས་ན། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་

|; |@@@ | | }}