From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟི་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡུལ་ནས་ཐོན་པའི་རིན་པོ་ཆེ་ཞིག་སྟེ། དབྱིབས་འཇོང་མོ་དང་། ཁ་དོག་ནག་ཁྲ་དང་། སེར་ཁྲ། ཁམ་ཁྲ་བཅས་ཡོད། གཟི་ཁྲ་མིག་དགུ་པ་ནི་མཆོག་ཏུ་གྱུར་པ་ཡིན། སྐེ་རྒྱན་བྱེད་པ་དང་། མཆོད་རྟེན་དང་མཛུབ་དཀྲིས་སོགས་ཀྱི་ཕྲ་རྒྱན་དུ་བཀོལ། ལུས་ལ་བཅངས་ན་གཟའ་ནད་བསྲུང་ཐུབ་པར་བཤད།
|
| Synonyms
|
གཟི་ཁྲ་མིག་དགུ། གཟི་རྙིང་། རྐང་འགྱུར་དགུ། ཁྲ་ཆུང་། ཟླུམ་པོ་སྟག་ལོག ཟླུམ་པོ་སྟག་རིས།
|
གཟི་ (1)
| Part of speech
|
རྒྱན་ཚིག
|
| Definition
|
བཀྲག་མདངས་སམ་འོད་མདངས་ཀྱི་རྣམ་པ་སྟེ།
|
| Example
|
ཉི་མའི་གཟི་འོད། བླ་མའི་གཟི་བྱིན་ལྟ་བུ།
|