955
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀླུ་དགོན་ནི། དཀྱིལ་གྲོང་འབྲོག་སྡེར་ཆགས་ཡོད། ཕྱི་ལོ་ ༡༩༨༢ ཆུ་ཁྱི་ལོར་ཀླུ་མདར་སྤར་། འདུ་ཁང་དང་། བྱམས་གཙང་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་བྱས། རོང་ཟོམ་དང་། ཀུན་མཁྱེན་ཡབ་སྲས། མི་ཕམ་བཅས་ཀྱི་གཞུང་ལུགས་གཙོར་བཟུང་གི་བཤད་གྲྭ་དང་། སྔོན་འགྲོ་བློ་ལྡོག་རྣམ་བཞིའི་བློ་སྦྱོང་ཞག་བརྒྱ་དང་། འབུམ་ལྔའི་བསགས་སྦྱང་སྔོན་དུ་བཏང་སྟེ། སྙིང་ཐིག་རྩ་གསུམ་གྱི་བསྙེན་སྒྲུབ་ལ་བཞུགས་པའི་ཕྱག་བཞེས་བཟང་པོ་དང་ལྡན་པའི་སྒྲུབ་སྡེ་དང་། ཀ་ལྷུན་གྱི་ཉམས་ལེན་ལྡན་པའི་སྒོམ་གྲྭ་ཁག་དང་། སྒྲུབ་མཆོད་སྐོར་ལ་ཨ་འཛོམས་རིན་པོ་ཆེའི་འདས་མཆོད་ཟླ་བ་དང་པོའི་ཚེས་བདུན་ནས་བཅོ་ལྔའི་བར་སྨིན་གླིང་རྡོར་སེམས་དང་། ས་ག་ཟླ་བའི་ཐུགས་སྒྲུབ་དང་ཀརྨ་གླིང་པའི་ཞི་ཁྲོ་ཚེས་བཅུ་དང་ཉེར་ལྔ་སོགས་ཆགས་མེད་ཡོད། དགོན་འདིའི་གྲུབ་མཐའ་ནི། སྔོན་ཆད་འབྲུག་ཁམས་སྤྲུལ་སྐུ་རིམ་བྱོན་གྱི་ཞལ་སློབ། དགོན་འདིའི་བསྟན་བདག་སྤྲུལ་ངེས་དོན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་སྐབས་སུ་རྙིང་འབྲུག་ཟུང་འབྲེལ་ཡིན། འོན་ཀྱང་དེའི་རྗེས་ཀཿཐོག་མཁན་རིན་པོ་ཆེ་དྲི་མེད་འོད་ཟེར་རམ། ཡོངས་གྲགས་སྒྲོ་བྲག་མཁན་ཆེན་གྱི་དངོས་སློབ་ངེས་དོན་སྐུ་ཕྲེང་བདུན་པ་དང་། སྤྲུལ་གཞན་དགའ་དམ་པ་གཉིས་ནས་བཟུང་ཀཿཐོག་པའི་ཆོས་བརྒྱུད་དུ་གྱུར། |