95508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ (1)
Part of speech མིང་ཚིག
Definition ཡུལ་ཀོ་རོག་དར་ལུང་རུ་ཡབ་འདན་མ་དཀོན་མཆོག་སྐྱབས་དང་ཡུམ་རག་ནམ་བཟའ་མགོན་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཆུ་བྱི་ཕྱི་ལོ་ ༡༣༧༢ ལོར་སྐུ་འཁྲུངས། ཚང་གསར་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་། མཚན་བསོད་ནམས་བཟང་པོར་གསོལ། ཀརྨ་པ་དེ་བཞིན་གཤེགས་པ་ལས་ཆོས་མང་དུ་ཞུས། གླིང་རས་པ་ལས་ཕྱག་ཆེན་ཆོས་དྲུག་གི་སྐོར་གསན། ཞབས་ཏོག་རྒྱ་ཆེན་བསྒྲུབས་པས་ཉམས་རྟོགས་གོང་དུ་འཕེལ། རྡོ་རྗེ་འཇིགས་བྱེད་སོགས་ཡི་དམ་མང་པོ་ཞལ་གཟིགས། གཏོར་མ་བདུག་རྩིར་བབས། སྐྱོ་བྲག་མགོ་ནས་ཆབ་ཏི་གསེར་ཕུག་ཏུ་འཕུལ་བའི་རྫུ་འཕྲུལ་ལན་མང། སྒོམ་རོ་གཅིག་རྟོགས་པ་འཁྲུངས། རབ་བྱུང་བརྒྱད་པའི་ས་སྦྲུལ་ཕྱི་ལོ་ ༡༤༤༩ ལོའི་རྟ་ཟླའི་ཚེས་བཞིར་སྐྱོ་བྲག་རི་རྩེར་དགུང་ལོ་བདུན་བཅུ་དོན་བརྒྱད་ལ་སྐུ་གཤེགས། སྐུ་གདུང་ཤ་རི་རམ་དུ་གྱུར། རྗེ་ཉིད་ཀྱི་ཐུགས་སྲས་བུ་ཆེན་གྱི་གཙོ་བོ་ལ། འབྲི་བྱེད་ཆོས་རྗེ་ཨ་མཆོད་སེར་པོ། ཁུ་བ་ཆོས་རྗེ་ཤཱཀྱ་རྡོ་རྗེ། དམར་མོ་ཆོས་རྗེ་བསོད་ནམས་དོན་འགྲུབ། སྐྱོ་ནག་ཆོས་རྗེ་བསོད་ནམས་དབང་ཕྱུག ཤར་པ་ཆོས་རྗེ་རིགས་འཛིན་རྡོ་རྗེ། རྒྱ་སྟོན་ཆོས་རྗེ་བཀྲ་ཤིས་དབང་ཕྱུག་བཅས་རྗེ་རང་དང་མཉམ་པའི་སློབ་མ་དྲུག་བཅས་མང་དུ་བྱོན། མཛད་ཆོས། སྤྱིར་སྟངས་ཁོང་ལ་མཛད་ཆོས་མང་པོ་ཡོད་པ་འདྲ་སྟེ། ད་ལྟ་མཇལ་དུ་ཡོད་པ་ནི་ཕྱག་ཆེན་ནམ་མཁའི་ཁེབས་མ་གཅིག་པུ་ཡིན།