From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཆ་པར་བཞུགས།
|
སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་དག་གི་རྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ལ་ངག་གིས་སྐྱོ་སྔོགས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ ། དེ་ལ་བཞི་ལས་དང་པོ་ཡུལ་གང་དག་རྩོད་པར་བྱེད་པ་ནི་དགེ་སློང་ཆོས་དྲུག་ལྡན་ལས། ལྟུང་བྱེད་འདིའི་ཡུལ་ནི་ལྟ་བ་མཐུན་རུང་མི་མཐུན་རུང་། དགག་བྱ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ལྟ་བ་མཐུན་པ་མ་གཏོགས་པ་ཆོས་ལྔ་ཚང་བའི་སྟེང་དུ་རྩོད་པར་བྱེད་པ་པོའི་དགེ་སློང་གཉིས་ཡན་ཆད་ཡིན་པ་སྟེ། དགེ་སློང་གཉིས་ཀྱི་རྩོད་པ་ཞེས་གསུངས་པས་སོ། །གཉིས་པ་གང་ལ་སྐྱོ་སྔོགས་བྱ་བའི་ཡུལ་ནི་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་ཡིན་པ་དང་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཡིན་པ་སྟེ། དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ་ཞེས་སོ། །གསུམ་པ་གང་གིས་སྐྱོ་སྔོགས་བྱེད་པའི་རྟེན་ནི་རང་ཞི་བྱེད་དེ་ལ་གཏོགས་པ་ཡིན་པ་སྟེ། གཉུག་མར་གནས་པ་དང་ལས་བྱེད་པ་དང་དད་པ་འབུལ་བ་ཞེས་སོ། །བཞི་པ་གང་ལ་གོ་བར་བྱ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྩོད་པ་ཞི་བར་བྱས་ཟིན་པ་དེ་ལ་སྐྱོ་སྔོགས་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐྱོ་སྔོགས་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ནི། ཤེས་གཙོའི་དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ། །སྐྱོ་སྔོགས་རྫོགས་སོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་ཕན་ཚུན་གྱི་རྩོད་པ་དགེ་སློང་གཞན་དག་གིས་ལེགས་པར་ཞི་བར་བྱས་པ་ལ་དགེ་སློང་གཞན་གྱིས་དེ་ལྟར་ཤེས་ཀྱང་འདི་ནི་ལེགས་པར་མ་བྱས་པའོ། །སྐྱོན་ཅན་ནོ་ཟེར་བས་སླར་ཡང་རྩོད་པ་དེ་སློང་བར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|