9554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟི་བརྗིད་ཅན་གྱི་རྒྱན་ (1)
Part of speech མིང་ཚིག
Definition དོན་རྒྱན་སོ་ལྔའི་ནང་གསེས་བཅུ་དགུ་པ་སྟེ། རང་ཉིད་གཞན་ལས་ཁྱད་དུ་འཕགས་པ་ལྟ་བུའི་ང་རྒྱལ་གྱི་ཚིག་སྨྲས་པས། བརྗིད་ཉམས་དང་ལྡན་པར་སྟོན་པ་ཞིག་ཡིན།
Example བོད་མཁས་པས། ལུང་རིགས་སྨྲ་བའི་སེང་གེ་ཁོ་བོའི་མདུན། །ཕྱིར་རྒོལ་ལག་ལྡན་སྟོང་གི་སྙིང་འགེམས་ཞེས། ། བག་འཁུམས་མི་འོས་ཁོ་བོའི་ཞབས་སྐྱེས་རྡུལ། །སྤྱི་བོར་འཆིང་རྣམས་སྤོབས་པ་མཆོག་ཏུ་དགེ །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:གཟི་བརྗིད་ཅན་གྱི་རྒྱན་

|; |@@@ | | }}