95549

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱོན་ (1)
Part of speech རྒྱན་ཚིག
Definition བྱ་སྤྱོད་དང་རྣམ་པ་མི་བཟང་བའམ་མི་ལེགས་པའི་དོན་ཏེ།
Keyword True
Example མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ལྟ་བུ།
Antonyms ཡོན།
སྐྱོན་ (1)
Part of speech བྱ་ཚིག
Definition ཁལ་རྟ་སོགས་ཞོན་དུ་བཅུག་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བསྐྱོན།, ཆུང་དུས་ཁལ་རྟ་བསྐྱོན་ན་བཟང་།]
Present [སྐྱོན།, རྟ་ལ་སྐྱོན་ནས་འགྲོ་བཞིན་པ།]
Past [བསྐྱོན།, རྟ་བསྐྱོན་ནས་བསྐྱལ།]
Imperative [སྐྱོན།, རྒས་པོར་རྟ་སྐྱོན་ཅིག་ལྟ་བུ།]
སྐྱོན་ (2)
Part of speech བྱ་ཚིག
Definition གོས་གྱོན་དུ་བཅུག་པའི་དོན།
Future [བསྐྱོན།, བསྐྱོན་བྱའི་ན་བཟའ།]
Present [སྐྱོན།, སྐུ་ལ་ན་བཟའ་སྐྱོན་གྱིན་འདུག]
Past [བསྐྱོན།, ན་བཟའ་བསྐྱོན་ཟིན།]
Imperative [སྐྱོན།, ན་བཟའ་སྐྱོན་ཅིག་ལྟ་བ།]
སྐྱོན་ (3)
Part of speech བྱ་ཚིག
Definition སྟེང་དུ་བཞག་པའི་དོན།
Future [བསྐྱོན།, ཆུ་སྣོད་ཐབ་ཁར་བསྐྱོན་དགོས།]
Present [སྐྱོན།, རྫ་མ་ཐབ་ལ་སྐྱོན་གྱིན་ཡོད།]
Past [བསྐྱོན།, ཟངས་ང་ཐབ་ཁར་བསྐྱོན་ཟིན།]
Imperative [སྐྱོན།, ཕོར་བུ་ཐབ་ལ་མ་སྐྱོན་ལྟ་བུ།]
སྐྱོན་ (1)
Part of speech མིང་ཚིག
Definition ཉེས་པ་དང་གནོད་པའི་དོན་ཏེ།
Example ང་ལ་སྐྱོན་ཡོད་པས་ཆད་པ་ཆོད། མདའ་མཚོན་གྱིས་ཕོ་བྲང་ལ་སྐྱོན་བཟོས། མེ་སྐྱོན་བྱུང་། ཆུ་སྐྱོན་འདུག་ལྟ་བུ།
Antonyms ཡོན།
སྐྱོན་ (2)
Part of speech མིང་ཚིག
Definition གྲངས་ཀ་བཅོ་བརྒྱད་དེ། ༡ མི་ལུས་ལ་མི་སྡུག་པ་དང༌། ༢ སྐྲ་བྱི་བ། ༣ དཔྲལ་བ་ཆུང་བ། ༤ མདོག་སེར་སྐྱ། ༥ མིག་སེར་བ། ༦ སྨིན་མཚམས་མ་འབྱར་བ། ༧ སྣ་ལེབ་པ། ༨ སོ་ལྟོ་བ། ༩ དིག་པ། ༡༠ མིག་ཟླུམ་པ། ༡༡ མིག་ཆུང་བ། ༡༢ ཕྱི་དགྱེ་ནང་སྒུར། ༡༣ ལྟོ་བ་ཆེ་བ། ༡༤ དཔུང་པ་དང་རྗེ་ངར་ཐུང་བ། ༡༥ སྤུ་ཅན། ༡༦ ལག་པ་དང་རྐང་པ་མི་མཉམ་པ། ༡༧ ཚིག་སྦོམ་པ། ༡༨ ཁ་དང་ལུས་ལས་དྲི་ངན་པ་བཅས་ཉེས་པའམ་སྐྱོན་བཅོ་བརྒྱད་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།