95552
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རོའི་རིགས་ཀྱི་དབྱེ་བ་ལས་དབང་བོ་སྐྱོན་ཅན་ནམ་རིགས་ངན་ཤི་བའི་རོའི་མིང་ལ་ཟེར་ཞིང་། དེ་བརྒྱད་ནི་རྣས་མི་གོ་བའི་འོན་པ་དང་། ངག་མི་འཁྲོལ་བའི་ལྐུགས་པ། སྐྱེས་དུས་ནས་མི་མཐོང་བའི་ལོང་བ། འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་དུ་མི་མཐོང་བར་གྱུར་པའི་ཞར་བ། ཚིག་འབྲི་དག་མོར་བརྗོད་མི་ནུས་པའི་དིག་པ། ལག་ཆག་རྐང་རྡུམ། རིགས་ངན་ཞེས་པ་ཆང་ས་མ་བརྒྱབ་པར་བཙས་པའི་བྱི་ཕྲུག་བཅས་ཤི་བའི་རོ་ཡིན། |
| Domain | རྩིས་རིག |