95564
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཞལ་ལུང་ལོ་འཕོ་སྟེ་པད་དཀར་ཞལ་ལུང་ལས་གསལ་བ་ལྟར། བྱེད་པའི་ལོ་འཕོ་ཉིན་ཞག་སུམ་བརྒྱ་རེ་ལྔ་དང་ཆུ་ཚོད་བཅོ་ལྔ་ཆུ་སྲང་སོ་གཅིག་དབུགས་གཅིག་རི་མཁའ་རིའི་ཆ་བརྒྱ་དང་ཉེར་གཅིག་གི་ནང་ནས་ནོར་སྐྱོན་བཏོན་པས་སྐྱོན་བཏོན་ལོ་འཕོ་ཉིན་ཞག་སུམ་བརྒྱ་རེ་ལྔ་དང་ཆུ་ཚོད་བཅུ་དྲུག་ཆུ་སྲང་བཅུ་བཞི་དབུགས་གཅིག་འདོད་ཆ་བཅུ་གཉིས་སུ་བཅོས་པའི་ལོ་འཕོ་ཡིན་ཞིང་འདི་ལ་འཁྲུལ་བྲལ་ལོ་འཕོའང་ཟེར། |