9558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟི་བརྗིད་ཉི་ཤུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྐུ་ཆེ་ཡན་ལག་རགས་པའི་གཟི་བརྗིད། གྲངས་མང་རྐྱེན་དང་འཚམས་པའི་གཟི་བརྗིད། བཀུར་འོས་གཙོ་བོར་མཐོང་བའི་གཟི་བརྗིད། ཁྱད་ཞུགས་ཡིད་དང་འཐད་པའི་གཟི་བརྗིད་དེ། སྐུའི་བརྗིད་བཞི་དང། གདངས་ཆེ་སྟོང་གསུམ་གང་བའི་གཟི་བརྗིད། ཚིག་མྱུར་ཐེ་ཚོམ་གཅོད་པའི་གཟི་བརྗིད། བདག་ལ་ཉི་ཚེར་སྟོན་པའི་གཟི་བརྗིད། ཁྱད་པར་ཡོན་ཏན་མཐོང་བའི་གཟི་བརྗིད་དེ། གསུང་གི་བརྗིད་བཞི་དང། ཡངས་པས་རེ་དོགས་མེད་པའི་གཟི་བརྗིད། གསལ་བས་མཐའ་གཉིས་སྤངས་པའི་གཟི་བརྗིད། ཐུགས་རྗེས་ཐུགས་དམ་རྫོགས་པའི་གཟི་བརྗིད། མ་རྨོངས་ཐབས་ཀྱིས་འདུལ་བའི་གཟི་བརྗིད་དེ། ཐུགས་ཀྱི་བརྗིད་བཞི་དང་། མེད་ལ་ཟད་མི་ཤེས་པའི་གཟི་བརྗིད། གཅིག་ལ་འདོད་དགུར་སྟོན་པའི་གཟི་བརྗིད། གནོད་སྦྱོར་ཕན་པར་མཛད་པའི་གཟི་བརྗིད། ཐབས་མཁས་སྐྱོན་གྱིས་མ་གོས་པའི་གཟི་བརྗིད་དེ། ཡོན་ཏན་གྱི་བརྗིད་བཞི་དང། མི་བསྙེང་ཉམ་བག་རོལ་པའི་གཟི་བརྗིད། འཁོར་བ་ཡུན་རིང་མི་བསྙེལ་བའི་གཟི་བརྗིད། མགོན་སྐྱབས་རྒྱུན་དུ་མཛད་པའི་གཟི་བརྗིད། དགོངས་དོན་ལྷུན་གྱིས་གྲུབ་པའི་གཟི་བརྗིད་དེ། ཕྲིན་ལས་ཀྱི་བརྗིད་བཞི་བཅས་ཉི་ཤུའོ། །
Domain ཆོས་ལུགས།