95588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱོན་ཡོན་བླང་དོར་མེད་པར་ངེས་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་ངེས་པ་དྲུག་གསུངས་པའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། བཟང་ངན་དང་སྐྱོན་ཡོན་སྣང་གྲགས་ཀྱི་ཆོས་ཐམས་ཅད་དོར་བར་བྱ་བའི་དངོས་པོ་མེད་པར་གསང་བ་ཆེན་པོ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། དཀྱིལ་འཁོར་རྣམ་གསུམ་གྱི་ངོ་བོ་ཉིད་པས་གཞན་ནས་བླང་བར་བྱ་བ་ག་ལ་ཡོད་དེ་སྤང་བླང་གི་ཐ་སྙད་མ་སྤངས་ཡེ་ནས་བྲལ་བས་ན། སྐྱོན་དང་ཡོན་ཏན་བླང་དོར་མེད་པ་ངེས་པ་སྟེ། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]