95619

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱོར་ (1)
Part of speech བྱ་ཚིག
Definition བྱ་བ་དང་གཏམ་སོགས་བསྐྱར་ལྡབ་བྱེད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྐྱར།, གལ་གནད་ཡོད་ན་ཚིག་གཅིག་ཡང་ཡང་བསྐྱར་དགོས།]
Present [སྐྱོར།, དཔེ་ཆ་སྐྱོར་བཞིན་ལྟད་མོ་བལྟས།]
Past [བསྐྱར།, ཨུ་ཚུགས་ཀྱིས་གཏམ་རྣམས་བསྐྱར་བས་གྲོགས་པོ་རྣམས་སུན།]
Imperative [སྐྱོར།, དཔེ་ཆ་ཡང་ཡང་སྐྱོར་ཅིག་ལྟ་བུ།]
སྐྱོར་ (2)
Part of speech བྱ་ཚིག
Definition རོགས་རམ་དང་མཐུན་འགྱུར་བྱས་པའི་དོན།
Keyword True
Future [བསྐྱོར།, རང་ཕྱོགས་ཀྱི་རྒྱབ་བསྐྱོར་གལ་ཆེ།]
Present [སྐྱོར།, ནད་པའི་ལག་པ་སྐྱོར།]
Past [བསྐྱོར།, གྲུ་ཤན་སྐྱོམ་བཞིན་པ་ལག་པས་བསྐྱོར་བ་ཡིན།]
Imperative [སྐྱོར།, ཉམ་ཆུང་དག་གི་རྒྱབ་སྐྱོར་ཅིག་ལྟ་བུ།]