95702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྲག་པ་ཤིང་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་འབྲིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་ཅུང་རིང་བར་ཡལ་ག་མང་པོ་གྱེས་པ། ལོ་མ་སྔོ་ལྗང་རྒྱབ་སྐྱ་བ་ཉག་ཆེན་གསུམ་རེ་ཡོད་པའི་ཉག་ཆེན་རེ་རེའི་རྩེ་རྣོ་བ། ལོ་མའི་ངར་པ་རིང་ལ་གསུམ་བཞི་ཙམ་མཉམ་དུ་སྐྱེ་བ་དང་། མེ་ཏོག་དཀར་ལ་དམར་མདངས་ཅུང་ཡོད་པ་ཡལ་ག་དང་སྡོང་པོའི་རྩེར་འཆར་བ། འབྲས་བུ་དམར་སྨུག་ཤ་རྒྱུ་འདྲ་བ་ཆེ་ཆུང་མཐེབ་མགོ་ཙམ་བཏགས་པ་རོ་ཤིན་ཏུ་སྐྱུར་བ་ཞིག་སྟེ། བོད་ཀྱི་ནགས་ཁུལ་ཡིན་པའི་སར་སྐྱེ་བ་མང་བ་དང་དེ་མིན་སྐམ་ཤས་ཆེ་བའི་ཁུལ་དུ་ཉུང་ཤས་སྐྱེ་བའང་ཡོད། འབྲས་བུ་བོད་ཟླ་བརྒྱད་པའི་ནང་ངམ་འབྲས་བུ་སྨིན་སྐབས་བཏུས་ཏེ་ཁཎྜ་བཟོས་ནས་ཉར་ཚགས་བྱེད་རྒྱུ་དང་། དེ་མིན་མ་རུལ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་དྲོ་བ་དང་ལྡན་པས་ཟས་ཀྱི་དང་ག་འགགས་པ་དང་། འཇུ་སྟོབས་ཞན་པ། ཟླ་ཁྲག་བབས་དུས་རྒྱུ་སྨད་ན་བ་དང་དེ་བཞིན་ཕྲུ་གུ་སྐྱེས་རྗེས་ཁྲག་རོ་ལུས་ཏེ་ན་བ་སོགས་ལ་ཕན་པ་ཡིན།