From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐྲོད་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
སྐྲོད་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་ནས་དགེ་སློང་བསྐྲད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་ནས་ཕན་པའི་རྐྱེན་དང་མི་ལྡན་པའི་དགེ་སློང་གཞན་རང་ངམ་བསྐོས་པའི་བསྐྲད་དེ་ཉེ་འཁོར་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་བསྐྲད་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཕན་པའི་རྐྱེན་ཅན་མ་ཡིན་པ་སྟེ། གལ་ཏེ་དེ་ལ་གནོད་པ་དང་། ཞེས་པས་སོ། །གང་ནས་བསྐྲད་པའི་གནས་ནི། དགེ་འདུན་དབང་བའི་གནས་ཆོས་གསུམ་དང་ལྡན་པ་སྟེ། གདིང་བའི་ལྟུང་བྱེད་ཀྱི་སྐབས་སུ་ཆོས་དང་པོ་གསུམ་སྔར་བཤད་པ་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་རང་དགར་སྐྲོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པའི་མངོན་སུམ་དུ་སྐྲོད་པར་ཞུགས་པའོ། །མཐར་ཐུག་ནི་གནས་དེའི་ཉེ་འཁོར་ལས་འདས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། སྐྲོད་པའི་ལྟུང་བྱེད་ནི། གལ་ཏེ་དེ་ལ་གནོད་པ་དང་། དགེ་འདུན་འཁྲུག་པ་སྐྱེ་བ་ཉེ་བར་མི་འགྱུར་བའི་གཉེན་པོར་འདོད་པ་མ་ཡིན་ནའོ། །སྐྲོད་པ་ལའོ། །གཞན་གྱིས་ཀྱང་ངོ་། །གཞན་གྱི་རྗེས་སུ་འཇུག་པས་ཀྱང་ངོ་། །ཞེས་པས་བསྟན། ངོ་བོ་ནི། གནོད་པ་དང་འཁྲུག་པ་ཞི་བའི་དགོས་པ་མེད་པར་དགེ་སློང་གིས་དགེ་སློང་གཞན་ལ་གནོད་པའི་བསམ་པས་དེ་གཙུག་ལག་ཁང་ནས་སྐྲོད་པའི་ལྟུང་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|