95751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒ་ཏིག་ནག་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སུག་པ་འདྲ་བའི་ཕྱི་ལྤགས་སྨུག་ནག་གམ་དུད་མདོག་ཡིན་པ་དང༌། སྡོང་པོ་སྦོམ་པ་མཐེ་བོང་ཙམ་དང་ཕྲ་བ་མདའ་སྨྱུག་ཙམ་ཡོད་པའི་ནང་སྙིང་དཀར་པོ་ཕྱི་ལྤགས་དུད་མདོག་གི་སྨད་ཆར་སྔ་ལོའི་ལོ་མ་རྙིང་པའི་ངར་བ་སེར་སྐྱ་ཡོད་ཅིང༌། ལོ་མ་ལྗང་སེར་གཙག་བུའི་དབྱིབས་འདྲ་བའི་མཐར་ཉག་ཆུང་དང་རྒྱབ་ཏུ་ཕྱེ་མ་དཀར་པོ་ཡོད་ལ་ངར་བ་ཐུང་བ་རིམ་པས་འཁོར་བརྩེགས་ལྟར་སྐྱེ་ཞིང༌། མེ་ཏོག་ཟིང་སྐྱ་ཆུང་བ་གཡར་མོ་ཐང་གི་མེ་ཏོག་ཇི་ལྟ་བ་བཞིན་སྡོང་རྐང་གི་རྩེར་འཆར་བ་བཅས། བོད་ཀྱི་ནགས་ཆུ་ལྷ་རི་ས་ཆ་སོགས་ཀྱི་རྫ་རིའི་ལོགས་སུ་སྐྱེ་བ། དགུན་དུས་རྩ་ལོ་མེ་འབྲས་ལྷན་ཅིག་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཅུང་ཟད་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་སྐམ་པས་དམུ་རྫིང་དང་ཆུ་སེར་འདྲེན་པར་བྱེད་ཅིང༌། ཚ་ཆུ་ལ་སོགས་ཆུ་རིགས་མཐའ་དག་གསང་བའི་ལམ་དུ་འདྲེན་པའི་མཆོག་ཡིན་ནོ། །