95752
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྨུག་པོ་ཕྲ་ཞིང་མང་བ་ཕན་ཚུན་དྲ་བ་ལྟར་གྱེས་པ་དང༌། ལོ་མ་སྔོ་སྐྱ་ངར་པ་ཐུང་བ་སུམ་ཏིག་གི་ལོ་མ་ལྟར་འཁོར་ནས་སྐྱེ་བ། ལོ་མའི་མདུན་སྔོ་ལ་རྒྱབ་སྐྱ་བའི་མཐའ་མཉམ་པར་སྤུ་དཀར་འཇམ་པོ་ཡོད་ཅིང༌། མེ་ཏོག་གི་སྡོང་རྐང་ཕྲ་ལ་འདྲོང་བ་གསུམ་བཞི་ཙམ་པདྨའི་གདན་ལྟར་སྐྱེ་བའི་ལོ་མ་རྣམས་ཀྱི་དབུས་ནས་འདྲོང་པོར་སྐྱེ་བ། མེ་ཏོག་དམར་སྨུག་ཆུང་ལ་མང་བ་སྡོང་པོའི་རྩེར་མཉམ་དུ་འཆར་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་རྩྭ་གསེབ་དང་བྲག་འོག་ཏུ་སྐྱེ་བ་མང༌། རྩྭ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཅུང་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དམུ་རྫིང་གི་ནད་དང༌། ཚ་བ། ཚ་ཆུ། ཆུ་སེར་གྱི་ནད་སོགས་ལ་ཕན་པ་ཡིན། |