95770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒ་རྗེ་བདེ་ཆེན་དགོན་ (1)
Part of speech མིང་ཚིག
Definition སྒ་རྗེ་བདེ་ཆེན་དགོན་པ་ནི། ཉག་ཨ་གཟི་ཡེ་ཤེས་འབུམ་པ་ཞེས་གྲགས་པ་དེས་འབའ་རོང་དུ་གྱང་ངོས་དགོན་བཏབ་པའི་ལོ་རྒྱུས་ཀཿཐོག་ཆོས་འབྱུང་དུ་ཡོད། རབ་བྱུང་དགུ་པའི་མགོ་ཙམ་ནས་གནས་འདིར་སྒྲུབ་སྡེ་རི་ཁྲོད་ཆུང་ངུ་ཞིག་ཡོད་སྙམ། དྲི་མེད་ཞིང་སྐྱོང་མགོན་པོ་ལ་འབུལ་བའི་ལོ་རྒྱུས་དེ་ལ་གཞིག་ན་སྔར་སྒྲུབ་གནས་རི་ཁྲོད་ཤུལ་ཙམ་ཡོད་པའི་སར་དྲི་མེད་ཞིང་སྐྱོང་གི་སྐབས་སུ་དགོན་པ་འདི་གསར་དུ་བཏབ་པ་ཡིན་ངེས། དེ་ལྟར་ན་དགོན་འདི་རབ་བྱུང་བཅུ་གཉིས་པའི་མཇུག་ལ་བཏབ་པར་སྙམ། ཤོ་པོ་གདུང་བརྒྱུད་ལས། ཛཿསྤྲུལ་བསོད་རྣམས་རྣམ་རྒྱལ་ཛཿཀར་བསྟན་ཁུར་དུ་བཞུགས་སྐབས་སྒ་རྗེ་བདེ་ཆེན་དགོན་དུ་སྤྲུལ་སྐུ་ཨོ་རྒྱན་འཇམ་དབྱངས་ཕེབས་ནས་དགོན་དེའི་བཤད་སྒྲུབ་ལས་གསུམ་གྱི་མཛད་སྒོ་སྤེལ་ཚུལ་དངོས་སུ་ཡོད་པས་སྔ་མའི་དུས་དང་མཐུན་ཤས་ཆེ་བར་སེམས། དགེ་རྩེ་ཚེ་དབང་རིག་འཛིན་རྒྱ་མཚོ་དང་། དྲི་མེད་ཞིང་སྐྱོང་འཇིགས་མེད་ཡོན་ཏན་མགོན་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ་རྣམས་ཀྱང་དགོན་དེར་ཕེབས་ནས་སྐུ་གསུང་ཐུགས་རྟེན་མཆོད་རྫས་སྒྲུབ་རྟེན་སོགས་གནང་སྦྱིན་དང་། ཀར་གླིང་ཞི་ཁྲོ། བདུད་འདུལ་ཕུར་པ། གུར་དྲག་ཡེ་ཤེས་རབ་འབར་སོགས་ཀྱི་དབང་ལུང་མང་པོ་གསུང་ནས་བསྐྱངས། འབུམ་འགྱུར་ཟླ་བའི་དུས་ཆེན་དང་འབྲེལ་ཚོགས་ཆེན་བདུན་སྒྲུབ། སྨྱུང་གནས་ཆ་བརྒྱད། པདྨ་འོད་འབར་བདུན་སྒྲུབ། བདུད་འདུལ་ཕུར་པ་དང་། གུར་དྲག་ཡེ་ཤེས་རབ་འབར། ཟླ་བ་བཅུ་གཉིས་པའི་དུག་གཏོར་ཀློང་གསལ་བཀའ་བརྒྱད་ཡོངས་འདུས་ཟོར་འཆམ་དང་བཅས། དུས་འགྱུར་རྗེས་སུ་ ཀཿཐོག་ནས་མཁན་ཆེན་རྒྱལ་མཚན་འོད་ཟེར་གྱིས་བཀའ་གནང་བར་བརྟེན། ཀཿཐོག་པའི་བླ་མ་ཚེ་རིང་རྣམ་རྒྱལ་དང་། རང་དགོན་གྱི་བླ་མ་དཔལ་ལྡན་ཞེས་པ་སོགས་ཆོས་དད་མང་ཚོགས་ཀྱིས་གཙུག་ལག་ཁང་དང་རྟེན་དང་བརྟེན་པ་བསྐྱར་བཞེང་བྱས།

{{#arraymap:སྒ་རྗེ་བདེ་ཆེན་དགོན་

|; |@@@ | | }}