95785
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་དམར་རམ་དམར་སྨུག་ཧྲིལ་བ་གཉེར་ཚིགས་ཅན་ས་འོག་ནས་འཕྲེད་དུ་ཉལ་བ་ཚིགས་མཚམས་ནས་རྩ་བའི་རྒྱུས་ཕྲན་བཀྲམ་པ་དང༌། ལོ་མ་ལྗང་ལ་སྲབ་ཅིང་འཇམ་པ་མདུན་རྒྱབ་གང་ལའང་སྤུ་མེད་པ་ཕྲ་རིང་རལ་གྲི་འདྲ་བ་ཁ་དབྲག་གཉིས་ཅན་སྨད་ཆས་ངར་པ་བཏུམ་པ། མེ་ཏོག་གི་སྙེ་མ་ཁ་གདང་ཞིང་མ་མཆུ་འཕྱང་བ་འདྲ་བའི་སྦུབས་ཅན་དཀྱིལ་དམར་སྨུག་ཅན། གང་བུ་རིལ་མོ་ཁ་མི་གདང་བ་སྨིན་ནས་དམར་སེར་དུ་གྱུར་པ། ནང་དུ་འབྲུ་ཁ་དོག་ཇ་ཁུ་མདོག་ཡོད་པ་ཞིག་གོ ། སྨན་དུ་དགོས་པ་རྩ་བ་སྟེ། སྐམ་པོ་ཕལ་ཆེར་མཐེབ་ཆེན་གྱི་སྦོམ་ཕྲ་ཙམ་ཁ་དབྲག་དང༌། ཡན་ལག་གྱེས་ཤིང་གཉེར་ཚིགས་དང་སུལ་རིས་ཞིབ་མོ་འོག་ངོས་སུ་ཁ་སྤུ་གོག་ཤུལ་གྱི་འབྲུམ་པ་བཅས་ཡོད་པ། ངོ་བོ་སྲ་ཞིང་ཧྲིལ་བ་བཀན་ན་མི་འཆག་པ། མདོག་དམར་སྐྱའམ་རྫ་དམར་མདོག་ཡིན་ཞིང་ཅུང་ཟད་རྩུབ་པ་སྟེ། སྦོམ་ལ་མཁྲེགས་ཤིང་ལྕི་བ། ཁ་དོག་དམར་རམ་སྨུག་པ་སྣུམ་ཉམས་ཅན་རོ་ཚ་ལ་ཞིམ་པ་བཟང་བ་བཅས། རྒྱ་གར་དང༌། བལ་ཡུལ། འབྲས་ལྗོངས། དེ་བཞིན་རྒྱ་ནག་གི་ཡུན་ནན་ཞིང་ཆེན་དང༌། ཧའི་ནན། ཀོང་ཤིང་སོགས་ཀྱི་རི་ལྡེབས་དང་ལམ་ཟུར་རྩྭ་གསེབ་སོགས་སུ་རང་བཞིན་དུ་སྐྱེ་བ་དང་མིས་འདེབས་འཛུགས་བྱས་ཀྱང་སྐྱེ་བ། བོད་ཟླ་དགུ་པའི་ནང་རྩ་བ་བཏུས་ཏེ་གཙང་མ་བཟོས་རྗེས་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་བས་བད་རླུང་ལྡན་པའི་ནད་དང༌། ཕོ་བའི་མེ་དྲོད་ཉམས་པ། མཆེར་ཚད། གྲང་རླུང་གི་ནད། སྲིན་ནད་སོགས་ལ་ཕན་པ་ཡིན། |