95798
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱིར་དུས་ཀྱི་ཟླ་བ་རེ་དང་དུས་ཚིགས་ཀྱི་ཟླ་བ་རེ་མཉམ་དུ་སྦྱར་ནས་བགྲང་གི་ཡོད་ལ། དེ་དག་ཡུན་ཚད་རིང་ཐུང་མི་འདྲ་བའི་དབང་གིས་སྒང་ཚད་དེ་དུས་ཀྱི་ཟླ་བའི་སྟོད་སྨད་ཅི་རིགས་པར་འབྱུང་ལ། གནམ་སྟོང་ལ་སྒང་འབྱུང་བའི་དུས་སུ་ནི་ཟླ་ལྷག་འདོན་པ་དགོས་པ་ཡིན་ལ། སྐབས་དེར་ཟླ་བ་གཉིས་ལ་ཟླ་བ་གཅིག་གི་ཐ་སྙད་འདོགས་དགོས་ལ། དེ་ཡང་སྔ་ཕྱིར་འབྱུང་བ་ལྟར་ཕྱི་མའི་ཟླ་བ་དེ་ལ་སྒང་བྲལ་ཟླ་བ་ཞེས་སུ་གྲགས། རིགས་ལྡན་སྙིང་ཐིག་ལས། སྒང་བྲལ་ཟླ་བ་ལྷག་པར་འདོད། །ཅེས་བྱུང་། |
| Domain | རྩིས་རིག |