95820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒམ་སྨྱོན་ཕྱག་རྡོར་ནོར་བུ་ (1)
Part of speech མིང་ཚིག
Definition ཤར་ཕྱོགས་ཀོང་ཡུལ་ཀླུ་ལྔ་རྒྱས་གྲོང་ཞེས་པར། ཡབ་ལོ་ཆེན་རཏྣ་བྷ་དྲའི་སྤྲུལ་སྐུ་ཕྲིན་ལས་དབང་ཕྱུག་དང༌། ཡུམ་ཀུན་བཟང་དབང་མོའི་སྲས་སུ་སྐུ་འཁྲུངས། རྗེ་མི་ལའི་སློབ་མ་སེ་བན་རས་པ་ནས་རིམ་པར། སྒམ་སྨྱོན་བཀྲ་ཤིས་ཀུན་གྲགས་ཞེས་གྲུབ་ཐོབ་ཏུ་གྱུར་པའི་ཡང་སྲིད་དུ་གྲགས། སྐུ་ཆུང་ངུ་ནས་དམ་པའི་རིགས་སད་པའི་རྣམ་ཐར་ཆེ། རི་བོ་ཆེ་པ་རྗེ་འགྱུར་མེད་བདེ་ཆེན་ལས་རབ་ཏུ་བྱུང༌། མཚན་ཆོས་ཀྱི་རིན་ཆེན་དུ་གསོལ། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་ལས་བསྙེན་པར་རྫོགས། ཇོ་ནང་རྗེ་བཙུན་དམ་པ་ཏཱ་ར་ན་ཐ། རྒྱལ་དབང་དཔག་བསམ་དབང་པོ། མཁས་དབང་སངས་རྒྱས་རྡོ་རྗེ། སྐྱི་སྦུག་གྲུབ་ཆེན་ཤེས་རབ་འབྲུག་རྒྱས་སོགས་ཡོངས་འཛིན་མང་དུ་བསྙེན་ཏེ། བསྟན་པ་རིས་མེད་དང༌། ཁྱད་པར་འབྲུག་སྐོར་གྱི་གདམས་པ་ཡོངས་རྫོགས་གསན། གཅེན་ཡོལ་མོ་སྤྲུལ་པའི་སྐུ་བསྟན་འཛིན་ནོར་བུ་ལས། རྙིང་མ་བཀའ་གཏེར་གྱི་སྨིན་གྲོལ་མཐའ་དག་མནོས། དེ་དག་གི་ནང་ནས་རྩ་བའི་བླ་མ་ཤེས་རབ་འབྲུག་རྒྱས་ལ་མཛད། (སྐྱིད་སྦུག་གྲུབ་ཆེན་ཤེས་རབ་འབྲུག་རྒྱས་འཁྲུངས་ལོ་རབ་བྱུང་བཅུ་པའི་ས་ཡོས་ ༡༥༧༩ ལོར་འཁྲུངས། ) སྨན་སྡིངས་གྲུ་འཛིན་དང༌། སྟག་སོ་གངས་རར་སྒྲུབ་པ་ལོ་གསུམ་ཚར་མང་དུ་མཛད་པས་ཐུགས་དམ་ཉམས་རྟོགས་ཀྱི་རྩལ་རྫོགས། ལྷ་སར་སྐོར་འབུམ་དང༌། སྐྱིད་གྲོང༌། བལ་ཡུལ། ལ་སྟོད་སོགས་གནས་ཆེན་མང་པོར་མཇལ་སྐོར་མཛད། གྲུབ་ཆེན་གླིང་གི་གདན་ས་སྣ་ཕུ་ཆོས་ལུང་ཉམས་གསོ་དང༌། ལྕགས་ཟམ་དང་གྲུ་ཤན་མང་པོ་འཛུགས་པ་སོགས་མཛད་པ་རྒྱ་ཆེ། རྡོ་རྗེ་ཕག་མོའི་བསྙེན་པ་ཨོཾ་གསུམ་མ་འབུམ་ཚོ་བཅོ་ལྔའི་ལྗགས་བསྙེན་སོགས་གནང་བས་དག་པའི་གཟིགས་སྣང་དཔག་མེད་ཤར། སྨན་སྡིངས་གྲུ་འཛིན་དུ་སྒྲུབ་པ་ཕོ་མོ་མང་པོའི་སྒྲུབ་གྲྭ་བཙུགས་ཤིང༌། མན་ཕྱག་ཟུང་སྦྲེལ་གྱིས་མཚམས་གྲྭ་འཁོར་ཡུག་དང༌། མ་ཎི་དུང་ཕྱུར་མང་པོ་འཛུགས་པར་མཛད། སྐུ་མཚམས་ཀྱི་ངང་ནས་གསར་རྙིང་གི་ཆོས་ཚུལ་གདམས་པ་རྒྱུན་མི་ཆད་པར་བསྩལ་བས། གྲུབ་ཐོབ་རང་རིག་རས་ཆེན། སྔགས་འཆང་ནམ་མཁའ་ཀུན་བཟང་སོགས་བུ་སློབ་མང༌། མཐར་སྨན་སྡིངས་གྲུ་འཛིན་ཉིད་དུ་དག་པའི་ཞིང་དུ་གཤེགས་སོ། །

{{#arraymap:སྒམ་སྨྱོན་ཕྱག་རྡོར་ནོར་བུ་

|; |@@@ | | }}