95821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒར་ (1)
Part of speech བྱ་ཚིག
Definition གང་ཞིག་གང་ལ་འཛུགས་པའམ་སྦྱར་བའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བསྒར།, སོ་ཚབ་བསྒར་དགོས།]
Present [སྒར།, སོ་ཚབ་སྒར་བྱེད་ཀྱི་ལག་ཆ།]
Past [བསྒར།, སོ་ཚབ་བསྒར་ཟིན།]
Imperative [སྒོར།, སོ་ཚབ་སྒོར་ཅིག་ལྟ་བུ།]
སྒར་ (1)
Part of speech མིང་ཚིག
Definition བླ་ཆེན་དང་མི་ཆེན་འགྲུལ་བཞུད་ཀྱི་སྐབས་སུ་བརྒྱབ་པའི་འདུག་གནས་ཀྱི་གུར་སོགས།
Example དབྱར་སེང་གི་སྐབས་སུ་རྩྭ་ཐང་དུ་སྒར་བརྒྱབ་པ། དཔོན་ཁག་ཚོས་ཕན་ཚུན་དུ་སྒར་བརྒྱབ་ནས་གྲོས་མོལ་གནང་བ་ལྟ་བུ།
སྒར་ (2)
Part of speech མིང་ཚིག
Definition དམག་དཔུང་འདུག་སའི་ཁང་པའམ་གུར།
Example ས་མཚམས་སུ་དམག་སྒར་བརྒྱབ་པ། དམག་འཁྲུག་སྐབས་དམག་སྒར་གཏོར་བ་ལྟ་བུ།
སྒར་ (3)
Part of speech མིང་ཚིག
Definition དགོན་སྡེ་རྣམ་པ་ཆེར་མེད་པ་བྱ་བཏང་རི་ཁྲོད་པའི་སྡེ་སྟེ།
Example ཆོས་སྒར་ཆེན་པོ་དེ་ན་མཁས་པ་མང་ལྟ་བུ།
སྒར་ (4)
Part of speech མིང་ཚིག
Definition མངའ་རིས་ཀྱི་རྩ་མདའ་ས་ཆའི་བྱང་ངོས་དང་། སེང་གེ་ཁ་འབབ་ཀྱི་ལྷོ་ངོས་སྒར་གཙང་བོའི་འགྲམ་རྒྱུད་དུ་ཆགས་པའི་རྫོང་ཞིག།