95913

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒེས་ལ་དགོན་ (1)
Part of speech མིང་ཚིག
Definition སྒེས་ལ་ནང་དགོན་པ་ཆགས་ཡོད་པས་དགོན་མིང་ལ་ཡང་སྒེས་ལ་དགོན་ཞེས་བརྗོད། གྲུབ་ཆེན་ཚོགས་གཉིས་ཀྱིས་རབ་བྱུ་བཅུ་བཞི་པའི་ནང་ལ་བཏབ། ཚོགས་གཉིས་རིན་པོ་ཆེའི་སློབ་ཆེན་གེ་བཀྱག་ཚངས་དབྱངས་རྒྱ་མཚོ་སོགས་སློབ་བརྒྱུད་རྣམས་ཀྱིས་བསྐྱངས། གནས་བརྟན་དགོན་པ་དང་ཉེ་བས་མཆོག་གླིང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཀྱང་བརྩེ་གཟིགས་གནང་སྟེ། ཟབ་པ་གཏེར་གསར་གྱི་སྐོར་ཕྱོགས་ཀྱང་འདོན་རྒྱུ་ཡོད་ཚོད་འདུག ང་བརྒྱད་ལོ་དུས་འགྱུར་གྱི་སྐབས་སུ་དགོན་པ་རྨང་མེད་དུ་བཏང་། སླར་ཡང་བླ་མ་ངག་དབང་རྒྱ་མཚོ་དང་བླ་མ་ཐར་པ་རྣམ་གཉིས་ཀྱིས་དགོ་བ་མགོ་ཞེས་པའི་རི་མགུལ་དུ་དགོན་པ་གསར་དུ་བཏབ། ངག་དབང་རྒྱ་མཚོས་འདུ་ཁང་ནང་རྟེན་དང་བཅས་གསར་བཞེངས་གནང་། གཞན་ཡང་ཐུགས་སྒྲུབ་ཡང་སྙིང་འདུས་པ་དང་། རཏྣའི་ཕུར་པ་གཉིས་ཀྱི་སྒྲུབ་ཆེན། དགུ་ཆེ་ཆུང་། སྨྱུང་གནས་སོགས་དུས་མཆོད་རྣམས་བཙུགས།