From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒོ་ (1)
| Part of speech
|
མིང་ཚིག
|
| Definition
|
ཁང་པ་སོགས་འདུག་གནས་ཀྱི་ཕྱི་ནང་ལ་འགྲོ་འོང་བྱ་སའི་གནས།
|
| Keyword
|
True
|
| Example
|
ཁང་སྒོ་གཏད། ཁང་སྒོ་ན་མི་ཞིག་ལང་འདུག་ལྟ་བུ།
|
སྒོ་ (2)
| Part of speech
|
མིང་ཚིག
|
| Definition
|
བྱད་བཞིན་གྱི་རྣམ་པ་ལ་འཇུག་སྟེ།
|
| Example
|
ཕོ་སྒོ་བཟང་ཡང་བློ་རིག་མི་ལྡན། མོ་སྒོ་ཅན་གྱི་འབྲོག་མོ་ལྟ་བུ།
|
| Type
|
ཡུལ་སྐད།
|
སྒོ་ (3)
| Part of speech
|
མིང་ཚིག
|
| Definition
|
ཚིགས་སུ་བཅད་པའི་སྙན་ངག་ཆེན་པོའི་མཚན་ཉིད་གསུམ་གྱི་ཡ་གྱལ་ཏེ། ཤིས་པ་བརྗོད་པ་དང་། རང་གི་ལྷ་ལ་ཕྱག་བྱ་བ་དང་། བརྩམ་བྱའི་གཞུང་གི་ནང་དོན་བསྡུས་ནས་བསྟན་པའི་དངོས་པོ་ངེས་བསྟན་བཅས་རྣམ་པ་གསུམ་མོ། །
|
| Domain
|
རྩོམ་རིག
|
སྒོ་ (1)
| Part of speech
|
བྱ་ཚིག
|
| Definition
|
དངོས་པོ་གཞན་གྱི་ནུས་པ་དང་ཁ་དོག་སོགས་གཞན་ལ་ཞུགས་པར་བྱས་པའི་དོན།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Future
|
[བསྒོ།, དགེ་རྒན་བཟང་པོའི་གཤིས་སྤྱོད་སློབ་མ་ལ་བསྒོ་དགོས།]
|
| Present
|
[སྒོ།, དམ་པའི་ཡོན་ཏན་སྒོ་ཐབས་སློབ་སྦྱོང་ཡིན།]
|
| Past
|
[བསྒོས།, རས་དཀར་པོར་ཚོན་སྣ་ཚོགས་བསྒོས་ནས་ཁྲ་བོ་བཟོས།]
|
| Imperative
|
[སྒོས།, ཁང་པར་ཚོན་སྒོས་ལྟ་བུ།]
|
སྒོ་ (2)
| Part of speech
|
བྱ་ཚིག
|
| Definition
|
བསླབ་བྱ་སྦྱིན་པའི་དོན།
|
| Future
|
[བསྒོ།, དགེ་ཕྲུག་ལ་བཀའ་བསྒོ་རྒྱུ་མ་བརྗེད།]
|
| Present
|
[སྒོ།, བཀའ་སྒོ་བྱེད་མཁན་གྱི་རང་ཉིད་ལ་བསམ་བློ་འཁོར་དགོས།]
|
| Past
|
[བསྒོས།, བླ་མས་བཀའ་བསྒོས་པ་ལ་ཉན།]
|
| Imperative
|
[སྒོས།, མ་རུང་བ་དག་ལ་བཀའ་སྒོས་ཤིག་ལྟ་བུ།]
|