95916
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྒོ་ཀུན་ནས་བསྡུར་ཏེ་དོན་གནད་བསྡུ་བ་བུང་བ་ཚང་ཚོལ་བ་ལྟར་བཤད་ཚུལ་ནི། ཀུན་འདུས་རིག་པའི་མདོ་ལས། དཔེར་ན་བུང་བ་ཁུང་ཚོལ་བ། །ཀུན་ཏུ་འཇུག་ཅིང་བྱུང་ནས་ནི། །རང་གི་འཛུལ་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་ཚོལ་བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཏེ་བསྡུ། །ལྟ་སྒོར་འཇུག་ཅིང་བརྟགས་བསྡུར་ན། །མ་ནོར་ངེས་པའི་དབུ་མ་ལ། །ཆོས་ཉིད་དོན་གྱི་རྗེས་གཅད་ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་མཐའ་ཡིན་ཏེ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པར་ལྟར་རྒྱས་པར་མདོ་དགོངས་པ་འདུས་པ་ལེའུ་རེ་བརྒྱད་པར་གསལ། |
| Domain | ཆོས་ལུགས། |