9594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟིགས་པ་ལྔ་ལྡན་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཏེ། གཟིགས་པ་ལྔ་ལ་དབང་འབྱོར་བས་སོ། །
Domain ཆོས་ལུགས།

{{#arraymap:གཟིགས་པ་ལྔ་ལྡན་

|; |@@@ | | }}

གཟིགས་པ་ལྔ་ལྡན་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་རྗེས་སུ་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གཟིགས་པ་ལྔའི་སྒོ་ནས་ཞལ་དངོས་སུ་བསྟན་པའི་སྐུའི་རྣམ་འགྱུར་མི་འདྲ་བ་ལྔ་ནི། རྗེ་བླ་མ་རང་གི་རྣམ་པ་ཅན་གླང་པོ་ཆེ་དཀར་པོ་ལ་ཆིབས་པ། རྗེ་བླ་མ་རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པའི་ཁྲིའི་སྟེང་དུ་བཞུགས་པའི་རྣམ་པ་ཅན། རྗེ་བླ་མ་སེང་གེ་དཀར་མོ་ལ་ཆིབས་ཤིང༌། སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པའི་རྣམ་ཅན། རྗེ་བླ་མ་སྟག་ལ་ཆིབས་ཤིང༌། རྣལ་འབྱོར་པའི་ཆ་ལུགས་སུ་མཛད་ལ་སྐུ་མདོག་དམར་པོ་སྤྱན་དང་ཤངས་ཆེ་བ། ཕྱག་གཡས་རལ་གྲི་འཕྱར་བ། གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་བཟུང་ཞིང༌། རལ་པ་དམར་པོའི་ཐོར་ཅོག་ལ་དར་སྔོན་བཅིངས། རུངས་པའི་རྒྱན་གྱིས་བརྒྱན་པ། ཤིན་ཏུ་འཛུམ་ཞིང་བཀྲག་ཆེ་ལ་གྲུབ་ཐོབ་བརྒྱད་ཅུས་བསྐོར་ནས་དགྱེས་བཞིན་དུ་བཞུགས་པའི་རྣམ་པ་ཅན། རྗེ་བླ་མ་སྤྲིན་དཀར་ཕུང་ཕུང་བ་ཞིག་གི་དབུས་སུ་སྔར་གྱི་རབ་བྱུང་གི་ཆ་ལུགས་སུ་བྱོན་པ་བཅས་སོ། །རྒྱས་པ་རྗེའི་རྣམ་ཐར་ཆེན་མོར་གཟིགས།

{{#arraymap:གཟིགས་པ་ལྔ་ལྡན་

|; |@@@ | | }}