95951

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོ་དབྱེ་བསྲེ་བསྣན་གསང་བར་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ་བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་བཅའ་གཞི་ལས་ཀྱི་བསྙེན་པ་སྟེ། གསང་སྔགས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽ལས་རིམ་ལ་འཇུག་སྐབས་དད་ལྡན་སློབ་མས་ཡི་དམ་ལྷའི་དཀྱིལ་འཁོར་ལ་འཇུག་པར་ཞུ་དོན་ཕུལ་བ་ཞིན་དཔོན་གསས་ཀྱིས་གནང་བ་སྦྱིན་ཞིང་། སློབ་བུ་གསར་པ་ཡིན་ཚེ་ཡི་དམ་ལྷ་དང་དཔོན་གསས་སོགས་ཀྱི་དམ་ཚིག་དང་བསྲེ་སྟེ་དམ་ཚིག་དེ་དག་སྤྱོད་པའི་སྐལ་པར་སྦྱིན་ལ། རྙིང་པ་ཡིན་ན་བསྣོན་ཏེ་གོང་འཕེལ་མཛད་ཅིང་ཡི་དམ་ལྷའི་དཀྱིལ་འཁོར་གྱི་སྒོ་དབྱེ་ཞིང་ལྷ་ཞལ་བསྟན་ཏེ་དམ་ཚིག་འབོག་པའི་ལས་རིམ་གྱི་སྐོར་རོ། །དེ་ལ་ཡང་གྲངས་ཀྱིས་དབྱེ་ན། ཕྱི་ནང་གསང་གསུམ་གྱི་སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ་གསུམ་དུ་ཡོད་དོ། །དེ་དག་ལ་ཡང་འབྲས་བུའི་བསྙེན་པ་ཞེས་བྱའོ། །
Domain ཆོས་ལུགས།