95976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོ་མ་ཉི་ཤུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒོ་མ་ཉི་ཤུ་ནི། ཕོ་ཉ་ཀཽརཱི་མ་བརྒྱད་དང་། ཕྱག་བརྙན་སིཾཧ་མ་བརྒྱད། བཀའ་ཉན་སྒོ་མ་བཞི་བཅས་ཉི་ཤུ་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཁྲོ་བོའི་ཚོགས་སྒྲུབ་པའོ། །རིགས་ཀྱི་ཁྲོ་བོ་ཡབ་ལྔ་ཁྲོ་མོ་ཡུམ་ལྔ་སྟེ། བཅུའི་ཚོགས་ཆེན་པོས་གཙོ་བྱས་པའི་འཁོར་གནས་ཡུལ་སྒོ་མ་ཉི་ཤུ་སྟེ། ཕོ་ཉ་ཀཽརཱི་བརྒྱད། ཕྱག་བརྙན་སིཾཧ་མ་བརྒྱད། བཀའ་ཉན་སྒོ་མ་བཞི། ཞེས་གསུངས་སོ། །
Domain ཆོས་ལུགས།