95977
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག ཁྲག་འཐུང་ང་བརྒྱད་ཀྱི་ཡ་གྱལ་ཏེ། རྟ་གདོང་མ། ཕག་གདོང་མ། དྲེད་གདོང་མ། སྤྱང་གདོང་མ་དང་བཞིའོ། །དེ་ཡང་ཕྱོགས་བཅུའི་མུན་སེལ་ལས། སྒོ་མ་བཞིའི་ཕྱག་རྒྱས་རབ་ཏུ་མཛེས་པ་ནི། ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞི་ཡིས་རྒྱས་འདེབས་པ་སྟེ། རྟ་གདོང་དམར་མོ་ལྕགས་ཀྱུ་འཛིན་པ། ཕག་གདོང་ནག་མོ་ཞགས་པ་འཛིན་པ། དྲེད་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། སྤྱང་གདོང་ལྗང་གུ་དྲིལ་ཆེན་འཛིན་པའོ། །ཞེས་གསུངས། འདི་བཞི་པོར་ཡེ་ཤེས་ཀྱི་སྒོ་མ་བཞི་ཞེས་ཀྱང་གྲགས་སོ། ། |
| Domain | ཆོས་ལུགས། |