96018
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ རང་གི་ཡུལ་རྣམ་པར་རིག་པར་བྱེད་པ། ༢ རང་གི་མཚན་ཉིད་རྣམ་པར་རིག་པར་བྱེད་པ། ༣ ད་ལྟར་གྱི་དུས་རྣམ་པར་རིག་པར་བྱེད་པ། ༤ སྐད་ཅིག་གཅིག་གི་རྣམ་པར་བྱེད་པ། ༥ རྣམ་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་འཇུག་པ་སྟེ། དགེ་བ་དང་ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ། ༦ ལས་ཀུན་ནས་སློང་བའི་རྗེས་སུ་འཇུག་པ་དང༌། སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པའོ། ། |
| Domain | ཆོས་ལུགས། |