96034
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་བཏབ་ནས་སྐྱེ་བའི་སྤོད་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཤ་རྒྱུ་ཅན་སྐྱི་ལྤགས་དམར་སྐྱ་སྲབ་པོས་བཏུམ་པ་ལྔ་དྲུག་ཙམ་ནང་ཕན་ཚུན་འབྱར་ནས་འཁོར་མར་སྐྱེ་བ་དང༌། ལྷུ་མེད་རྡོག་པོ་གཅིག་སྟེ་ཆིག་མ་གཉིས་ཀའི་ཞབས་སུ་ཨ་ར་འདྲ་བའི་རྩ་ཕྲན་ཐུང་བ་ཁ་ཤས་ཡོད་པ། ལོ་མ་སྔོ་ལྗང་མཐུག་པར་རལ་གྲིའི་དབྱིབས་འདྲ་བའི་རྩེ་ཅུང་རྣོ་ཞིང་མཐའ་མཉམ་པ་སྨད་ཅ་གཅིག་གིས་གཅིག་རེ་མོས་བྱས་ནས་བཏུམ་སྟེ་སྡོང་པོ་ལྟར་གྱུར་ལ། སྡོང་པོ་ལྟ་བུའི་རྐང་ཕྲ་ལ་འདྲོང་བའི་རྩེར་མེ་ཏོག་དཀར་པོ་བཙོང་གི་མེ་ཏོག་འདྲ་བ་ཡོད་པ་བཅས། ཞིང་པའི་ས་ཁུལ་དུ་བཏབ་ནས་སྐྱེ་བ། བོད་ཟླ་བརྒྱད་པའི་ནང་རྩ་བ་བཏུས་ཏེ་གཙང་མ་བཀྲུས་རྗེས་ཕྱི་ལྤགས་དོར་ནས་སྨན་དུ་སྤྱོད་རྒྱུ། རླུང་སྨན་སོགས་སྦྱོར་བ་འགའ་རེར་ནུས་བསྲེགས་བྱས་པའི་ཐལ་བ་གཏོང་དགོས་པའང་ཡོད། རོ་ཚ་ཞིང་མངར་བ་དང༌། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་ཞིང་ལྕི་བས་རླུང་ནད་སྤྱི་དང༌། གཉིད་ཡེར་བ། ཟས་ཀྱི་དང་ག་འགགས་པ། ཕོ་བའི་དྲོད་ཉམས་པ། མཛེ་ནད། ཆུ་སེར། ཤ་བཀྲ། ཆམ་པ་སོགས་ལ་ཕན་པ་ཡིན། |
| Keyword | True |