From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒོམ་ཆེན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཉམས་རྟོགས་མཐོན་པོར་སོན་པའི་རྣལ་འབྱོར་བ།
|
| Example
|
སྒོམ་ཆེན་གྱི་རྣལ་འབྱོར་བ། བླ་མ་སྒོམ་ཆེན་ལྟ་བུ།
|
| Domain
|
ཆོས་ལུགས།
|
སྒོམ་ཆེན་ (2)
| Part of speech
|
མིང་ཚིག
|
| Definition
|
སྒོམ་ཆེན་བཟང་པོ་ཞེས་པ་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་སྐྱེས་པ་ཡིན་ལ། དེ་ལ་སེམས་ལ་གནད་དུ་བསྣུན་ནས་སྐྱེས་པ་དང། ལུས་ལ་གནད་དུ་བསྣུན་ནས་སྐྱེས་པ་གཉིས་ལས། རིམ་གཉིས་མ་བསྒོམས་པར་སྐྱེས་པ་ནི་སེམས་ལ་གནད་དུ་བསྣུན་ནས་སྐྱེས་པ་ཡིན་པས། རྒྱུད་སྡེ་འོག་མ་གསུམ་གྱི་ས་ལམ་གྱི་རྟོགས་པ་བསྐྱེད་པའི་ཚུལ་ཡང་། སེམས་ལ་གནད་དུ་བསྣུན་པ་ལས་མ་འདས་པའི་ཕྱིར་ན། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ས་ལམ་གྱི་རྟོགས་པ་བསྐྱེད་པའི་ལུགས་སུ་སྟོན་པ་ཡིན་གྱི། ཉམས་ལེན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་དུ་འདུས་པ་ནི་མ་ཡིན་ནོ། །ཚུལ་འདི་ཇི་ལྟ་བ་བཞིན་རྟོགས་པ་ནི་དམ་པའི་མགོན་གྱིས་ཟིན་པ་ཁོ་བོ་འབའ་ཞིག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
|