96106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་མེད་ཀྱི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སྔར་རྗེས་མི་བཅད་སྔོན་མི་བསུ། །ལྟར་འཛིན་མེད་པ་ནམ་མཁར་བཞག ། དུས་གསུམ་རྟོག་པའི་རྒྱུ་འགྲུལ་བཅད། །དེ་ལྟར་རྟོག་མེད་ཏིང་འཛིན་གནས། །ཞེས་པ་སྟེ། འདས་མ་འོངས་ཡིད་ལ་མི་བྱེད་པར་མ་ཟད། ད་ལྟ་དངོས་སུ་སྣང་བ་ལ་ཡང་བལྟ་རྒྱུ་དང་བཟུང་རྒྱུ་གང་ཡང་མེད་པས། རྣམ་རྟོག་དང་འབྲེལ་བའི་སྒོམ་པ་ཅི་ཡང་མེད་པའི་ཕྱིར། སྒོམ་མེད་ཞེས་བྱ། དཔེ་སྤུན་གསུམ་གྱི་བར་མ་དང་འགྲོགས་པ་ཞེས་པ། བྱིས་པ་རྣམས་རྩེད་མོ་བྱེད་པ་ན། ཕ་རོལ་པོ་སྤུན་གསུམ་ཡོད་པའི། རྒན་པ་ནི་རང་བས་ཆེ། གཞོན་པ་ནི་རང་བས་ཆུང། བར་བ་རང་དང་མཉམ་པ་ཞིག་ཡོད་ན། རྒན་གཞོན་གཉིས་དང་ཤེད་མི་སྙོམས་པས། གཉའ་སྤྲེ་རྩེ་བ་སོགས་མི་བདེ་ལ། བར་མ་དེ་དང་ཤེད་སྙོམས་པས་འགྲོགས་བདེ། རྩེད་མོ་རྩེ་སྤྲོ་བ་བཞིན་དུ་འདས་པ་ནི་འདས་ཟིན་པས་རྗེས་བཅད་ཀྱང་མི་ཆོད། མ་འོངས་པའི་འདོད་དོན་དང་རེ་དོགས་ནི་འབྱུང་བར་མ་ངེས་པས། རེ་དོགས་བྱས་ཀྱང་མི་ཕན་དེ་གཉིས་ལ་བློ་བརྟད་ཀྱང་སེམས་འཁྲུགས་པར་ཁོ་ན་ཟད། དེས་ན་ད་ལྟར་གྱི་སྣང་བ་གང་ཤར་འདི་ལ། བླང་དོར་མེད་པར་བཞག་ན་བདེ་བས་དེ་སྐད་ཅེས་པའོ། །
Domain ཆོས་ལུགས།