96111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་ཞིས་སྐུ་ཕྲེང་དང་པོ་གྲུབ་ཆེན་དགེ་འདུན་བཟང་པོ་ནི་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་ཕྱི་ལོ་༡༦༣༡ལོར་ལཱུ་ཀྱ་སྒོམ་རྒན་པའི་ཚ་བོར་འཁྲུངས། དབུས་སུ་བྱོན་ཏེ་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་སྟེ་དཀའ་བཅུ་དགེ་བཤེས་ཐོན། རྒྱལ་བ་པཎ་ཆེན་རྣམ་གཉིས་དང་རྒྱལ་སྲས་རིན་པོ་ཆེ་སོགས་ལས་ཟབ་ཆོས་མང་དུ་གསན། དགེ་འཕེལ་དུ་བྱོན་ནས་བདེ་མཆོག་ལ་རྩལ་འདོན་གྱིས་ཐུགས་དམ་མཛད་པས་རྫོགས་རིམ་གྱི་རྟོགས་པ་བརྙེས། རྒྱལ་སྲས་དོན་ཡོད་ཆོས་རྒྱ་མཚོའི་ཐུགས་འདུན་བཞིན་མདོ་སྨད་དུ་བྱོན་ནས་དགོན་ལུང་དུ་བྱམས་ཁང་གསར་བཞེངས་ཀྱི་རྒྱུ་རྐྱེན་སྦྱར་བ་དང་། ང་བདུན་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་༡༦༨༧ལོར་སྟོང་ཤགས་བཀྲ་ཤིས་ཆོས་གླིང་བཏབ། དགུང་ལོ་རེ་གཅིག་པ་ལྕགས་ལུག་ལ་བཤད་གྲྭ་བཙུགས། འདི་པའི་མཚན་གཞན་ལ་དགེ་འདུན་བློ་གྲོས་ཟེར། འདས་ལོ་མ་རྙེད།