96116
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་གཉིས་པ་ཡིན། བརྗོད་བྱ། སློབ་དཔོན་ཀ་མ་ལ་ཤི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བསྟན་བྱ་འཁོར་ལོ་གསུམ་དང་མཐུན་པའི་སྒོམ་པའི་རིམ་པ་རྣམས་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཐུབ་པ་འཇམ་དབྱངས་ཞི་འཚོ་ཀ་མ་ལ། །དབས་གྲུམ་རྒྱལ་ལ་རྣམ་གཉིས་གྲུ་མཆོག་ཡེ། །སེ་བཙུན་དབང་གཞོན་མགར་ཚ་ཡོན་ཏན་དང་། །ཁུ་སྟོན་བརྩོན་འགྲུས་རཱ་ཁྲི་བཟང་བར་བ། །ལོ་སྟོན་ཆོས་གྲགས་བྲང་ཏི་དར་མ་སྙིང་། །བརྩོན་འགྲུས་སེང་གེ་རྒྱང་རོ་བླ་མ་མགོན། །བརྩོན་རྒྱལ་ཤོང་ལོ་མང་མཁར་ལོ་ཙཱ་བ། །དཔང་ལོ་བྱང་རྩེ་ཉ་དབོན་ཀུན་དགའ་དཔལ། །གཡག་རོང་རྣམ་གཉིས་ཤེས་རབ་རྒྱ་མཚོ་དང་། །རྭ་སྟོན་ཡོན་དཔལ་བསོད་ནམས་ལྷུན་གྲུབ་ཞབས། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རོང་སྟོན་ཤེས་བྱ་ཀུན་རིག་གི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |