96117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། མཚན་ཉིད་ནི། ཏིང་ངེ་འཛིན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམས་པར་བྱེད་པའོ། །དབྱེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གཉིས་སོ་ཞེས་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། ལུས་རྟེན། ཉན་ཐོས་ཁམས་གསུམ་ཀ་དང་། རང་རྒྱལ་འདོད་པའི་རྟེན་ཅན་ནོ། །བྱང་སེམས་འཕགས་པ་རྣམས་ནི། འདོད་གཟུགས་ཀྱི་རྟེན་ཅན་དུ་ངེས་ཏེ། གཟུགས་མེད་པའི་ཁམས་ནི་སེམས་ཅན་འདུལ་བའི་གནས་མ་ཡིན་པས་སོ། །སེམས་རྟེན་ལ། མངོན་པ་ལས་ཟག་མེད་ས་དགུ་ལ་རྟེན་པར་བཤད་ལ། འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པའི་ཕྱིར། ས་དགུ་ཀ་ལ་རྟེན་པར་བཤད་དོ། །ངོ་བོ། བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །དབྱེ་བ་ནི། རྗེས་ཐོབ་ཟག་པ་དང་བཅས་པ་དང་། མཉམ་བཞག་ཟག་མེད་དོ། །ཞེས་དང། རྗེས་ཐོབ་ནི་ཟག་བཅས་ཞེས་བརྗོད་དེ། གཟུང་འཛིན་ཐ་དད་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་དང་བཅས་པའི་ཕྱིར། མཉམ་བཞག་ནི་ཟག་མེད་ཅེས་བརྗོད་དེ། གཟུང་འཛིན་ཐ་དད་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་མེད་པའི་ཕྱིར། ཆོས་ཀྱི་བཤེས་གཉེན་གྱིས་རྣམ་རྟོག་དང་བཅས་པས་ཟག་བཅས་དང་། རྟོག་པ་དང་བྲལ་པས་ཟག་མེད་དུ་བཤད་པ་ལྟར་བཟུང་ངོ་། །རྟོག་པའང་གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་འདོད་དོ། །སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ནི་མ་ཡིན་ཏེ། ས་བརྒྱད་པ་ཡན་ཆད་ན་མེད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་གསུངས་སོ། ། མཚན་ཉིད་ནི། མཐོང་ལམ་རྫོགས་རྗེས་སུ་བྱུང་བའི་སློབ་པ་འཕགས་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།
སྒོམ་ལམ་ (2)
Part of speech མིང་ཚིག
Definition སྔགས། རྒྱུ་འབྲས་སྟོང་ཉིད་དུ་ཞུགས་པ་དེ་ཉིད་གསལ་སྟོང་གི་རང་བཞིན། སྟོང་ཉིད་རྒྱུ་འབྲས་སུ་བཞེངས་པ། མ་དག་སེམས་ཅན་གྱི་སྣང་བ་ཐམས་ཅད་མེད་སྣང་གློ་བུར་རྨི་ལམ་ལྟ་བུར་རྟོགས་ནས། རྟོགས་དང་མ་རྟོགས་རང་རྩལ་གྱི་ཆ་རྣམས་བཟང་ངན་མེད་པར་འབྲས་བུ་ཐམས་ཅད་བསླུ་མེད་དུ་རྟོགས་པ།