9612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟིགས་འབུལ་ (1)
Part of speech མིང་ཚིག
Definition གཟིགས་ཞིབ་བམ་རྟོག་དཔྱོད་ཀྱི་ཆེད་དུ་འབུལ་ལམ་ཞུ་བའི་བྱ་བའི་མིང་སྟེ།
Example གྱོད་དོན་དང་འབྲེལ་པའི་དཔྱད་གཞི་རྣམས་གཟིགས་འབུལ་ཞུས་ཚར་ལྟ་བུ།
Type ཞེ་ས།
གཟིགས་འབུལ་ (2)
Part of speech མིང་ཚིག
Definition ལྟད་མོ་སྟོན་པའམ་གཟིགས་མོ་འབུལ་བའི་བྱ་བའི་མིང་སྟེ།
Example མི་ལ་རས་པའི་རྣམ་ཐར་གཟིགས་འབུལ་ཞུས་པས་མི་མང་ནས་དགའ་བསུ་ཐོབ་ལྟ་བུ།
གཟིགས་འབུལ་ (3)
Part of speech མིང་ཚིག
Definition གཟིགས་ཕུད་འབུལ་བའི་བྱ་བའི་མིང་སྟེ།
Example དཔེ་དེབ་གསར་བའི་གཟིགས་འབུལ་ལྟ་བུ།