From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒོམ་སྤང་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། སྒོམ་སྤང་ལའང་ཐེག་དམན་གྱི་དང་། ཐེག་ཆེན་གྱིའོ། །དང་པོ་ལ་ཉོན་སྒྲིབ་ཀྱིས་ཁྱབ་ལ། གཉིས་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱིས་དབྱེ་བས་གཉིས་སོ། །དང་པོ་ནི་མ་དག་པའི་གནས་སྐབས་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པའོ། །འདིར་ཉོན་ཡིད་དེས་ཀྱང་ཀུན་གཞི་ཉིད་བདག་དུ་བཟུང་བ་མ་ཡིན་གྱི་ཀུན་གཞི་ལ་དམིགས་ནས་བདག་ཡོད་པར་སྒྲོ་འདོགས་པའོ། །གཉིས་པ་སྒོམ་སྤང་ཤེས་སྒྲིབ་ལ་གཉིས་ཏེ། བདེན་འཛིན་ས་བོན་དང་མཚན་མར་འཛིན་པའི་བློའོ། །འདི་ལ་བདེན་འཛིན་མངོན་གྱུར་བ་མི་འཇོག་སྟེ། དེ་ཐེག་ཆེན་གྱི་མཐོང་ལམ་ནས་སྤངས་ཟིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་ཀུ་མུད་ཕྲེང་མཛེས་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
སྒོམ་སྤང་ (2)
| Part of speech
|
མིང་ཚིག
|
| Definition
|
སྤང་བྱ་ལྷན་སྐྱེས་གང་ཞིག རང་གི་དངོས་གཉེན་དུ་གྱུར་པའི་སྒོམ་ལམ་བར་ཆད་མེད་ལམ་གྱི་གཞོམ་བྱར་དམིགས་པ། སྒོམ་སྤང་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། སྒོམ་སྤང་དུ་གྱུར་པའི་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས། དང་པོ་ལ། མངོན་གྱུར་དང༌། ས་བོན་གྱི་ཆ་གཉིས། དང་པོ་ལ་བཞི་བརྒྱད་བཅུ་བཞི་ཡོད། ས་བོན་གྱི་ཆ་ནི། ཉོན་མོངས་དེ་རྣམས་ཀྱིས་ཉོན་མོངས་ཕྱི་མ་སྐྱེད་པའི་ནུས་པའོ། །གཉིས་པ་སྒོམ་སྤང་དུ་གྱུར་པའི་ཤེས་སྒྲིབ་ལ་དབྱེ་ན། སྒོམ་སྤང་རྟོག་པ་མངོན་གྱུར་བརྒྱ་དང་བརྒྱད། ས་བོན་ལ་རྟོག་པ་དེ་རྣམས་ཀྱིས་རྟོག་པ་ཕྱི་མ་སྐྱེད་པའི་ནུས་པ་བརྒྱ་དང་བརྒྱད་རྣམས་སུ་ཡོད་དོ། །
|