96180
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྒོས་རྒྱུད་བཅུ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ནང་གསེས། སྤྱི་རྒྱུད་ལྔ་དང་། སྒོས་རྒྱུད་བཅུའི་ཡ་གྱལ་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། རྩ་བའི་རྒྱུད་ལ་སྒོས་རྒྱུད་བཅུར་གསུངས་ཏེ༔ ཞི་བ་འདུས་པ་རྩ་བའི་རྒྱུད༔ ཆེ་མཆོག་འདུས་པ་རྩ་བའི་རྒྱུད༔ ཁྲག་འཐུང་འདུས་པ་རྩ་བའི་རྒྱུད༔ གཤིན་རྗེ་འདུས་པ་རྩ་བའི་རྒྱུད༔ དབང་ཆེན་རྟ་མགྲིན་འདུས་པ་རྩ་བའི་རྒྱུད༔ ཕུར་པ་འདུས་པ་རྩ་བའི་རྒྱུད༔ མ་མོ་འདུས་པ་རྩ་བའི་རྒྱུད༔ དྲེགས་པ་འདུས་པ་རྩ་བའི་རྒྱུད༔ དྲག་སྔགས་འདུས་པ་རྩ་བའི་རྒྱུད༔ ཞི་ཁྲོ་གཉིས་ཀ་འདུས་པ་རྩ་བའི་རྒྱུད༔ རིག་འཛིན་འདུས་པ་རྩ་བའི་རྒྱུད་དང་བཅུ་གསུངས་སོ༔ ཞེས་གསལ། |
| Domain | ཆོས་ལུགས། |