96181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོས་རྡེལ་གཅིག་ (1)
Part of speech མིང་ཚིག
Definition ཚེ་རབས་ལས་རྩིས་ཀྱི་སྤྱི་བསྡུས་རྡེའུ་བརྒྱ་དང་སོ་དྲུག་གི་ཡ་གྱལ་ཞིག་སྟེ། ལོ་འགྲོས་བཅུ་གཉིས་བརྩི་བྱ་དག་གི་རུས་ཁམས་དང་སྦྱར་བའི་མཐུན་སྡེབ་ལ་ཆད་ཆེན་དང་། ཆད་ཆུང་། མ་ལོ། བུ་ལོ། དགྲ་ལོ། གྲོགས་ལོ། དབང་ལོ་བཅས་བདུན་བདུན་ཡོད་པ་ལས་བརྩི་བྱ་སོ་སོའི་རང་ལོ་གང་ཡིན་ངོས་འཛིན་གནང་ཆེད་བོར་བའི་རྡེའུ་ལ་ཟེར་བ་ཡིན། དེ་ལྟའི་སྒོས་རྡེལ་དེ་རྡེའུ་དཀར་པོ་གཅིག་སྟེ་ཆད་ཆེན་ཡིན་ན། མི་ཆེན་བཟང་དྲག་འབྱུང་། མི་ལྔའི་དཔོན་བྱེད། རབ་ཏུ་བྱུང་སྐལ་མེད། མི་འཕྲོ་ངན་ཡང་ལྟེ་འཕྲོ་བཟང་བས་ཆོ་རིགས་ཡོན་ཏན་ཅན་གྱི་རྒྱུད་འབྱུང་བར་བཤད། རྡེའུ་ནག་པོ་གཅིག་སྟེ་ཆད་ཆུང་ཡིན་ན། ཕ་ཚན་ནང་དུ་རབས་ཆད་མང་། དགྲ་གཉེན་དུ་བཟུང་བས་འཕུང་། མི་ཚན་གཉིས་སམ་དུར་ཁ་གཉིས་སུ་བྱེད། ཆོ་རིགས་བཟང་ཡང་དར་གུད་ཆེ། ཕ་མེས་ཕྱུག་ན་རང་ཉིད་དབུལ། རང་ཉིད་ཕྱུག་ན་ཕ་མེས་དབུལ་བས། རིམ་གྲོར་བཀྲ་བརྩེགས་དང་། རྣམ་སྲས་བསྐང་བ་བྱ་དགོས། རྡེའུ་དཀར་པོ་གཉིས་ཏེ་མ་ལོ་ཡིན་ན། གཉེན་ལས་འཕྲོས་པའི་ཁ་མཆུས་རང་ཡུལ་དང་འབྲལ་ཉེན་ཡོད། བུས་པ་མང་པོ་འབྱུང་། རང་ནོར་མི་ལ་འཆོར། རེ་བའི་ས་ནས་གཏམ་སྙན་འོང་། ཕྱི་གཞིས་ཆེ་ཡང་ནང་ནོར་ཆུང་། བསོགས་པའི་ཡོ་བྱད་ལ་གང་སྟོང་ཆེ་བས། རིམ་གྲོར་གཡང་སྒྲུབ་དང་གཡང་འགུགས་བྱ་དགོས། རྡེའུ་དཀར་པོ་གསུམ་སྟེ་དབང་ལོ་ཡིན་ན། བློ་མི་ལ་མི་འདྲི། ཕ་ཚན་ནང་ནས་གཡང་ཟས་ཟ། ཧ་ཅང་སྨྲས་མཁས་དྲགས་ན་འཕུང་། སེམས་རྒྱ་ཆེ་ཞིང་ལྟ་བ་མཐོ། སྔགས་རྒྱུད་ཡིན་ན་ཕུར་ཁ་གནོད་པས། རིམ་གྲོར་བཟློག་མདོས་བྱ་དགོས། རྡེའུ་དཀར་ནག་ཟུང་སྟེ་བུ་ལོ་ཡིན་ན། རྒས་ཁར་ཟས་ནོར་དབང་ཐང་ཆེ། ཕ་ཚན་ནང་ནས་ངན་གཤོམས་འབྱུང་ཡང་སྤྱིས་བསྲུང་བས་སྐྱོན་ཆེར་མེད་ཀྱང་རང་ཉིད་ཀྱིས་བཙན་ས་བཟུང་ན་ལེགས། རྡེའུ་ནག་པོ་གཅིག་སྟེ་གྲོགས་ལོ་ཡིན་ན། ཕ་དང་མེས་པོའི་ནོར་གྱིས་ཕན་མི་ཐོགས། ཞེ་འདོད་སྲེད་པ་ཆེ་བས་རྟག་ཏུ་ཟས་ནོར་དགྲར་སྡང་། འོད་ཅན་ནོར་ཕྱིར་འདྲེ་འབྲངས་པས་དར་གུད་འཕོ་སྐྱས་ཤིན་ཏུ་མང་། ཡིན་ཟངས་ཟས་ནོར་གྱིས་མི་ཕོངས། རང་དབང་མི་ལ་འཆོར་བས། རིམ་གྲོར་བསང་དང་དགྲ་ལྷ་དཔང་བསྟོད། གཡང་འགུགས། དགྲ་བྲུབ་བཅས་བྱ་དགོས། རྡེའུ་དཀར་པོ་གཅིག་སྟེ་དགྲ་ལོ་ཡིན་ན། དགྲ་དང་ཁ་མཆུ་མང་། འདུན་པ་བག་ཙམ་བསྐྱུངས་ན་ལེགས། མི་སྟོང་རྟ་སྟོང་འཇལ་ཉེན་ཡོད་པས། རིམ་གྲོར་རྒྱས་འབྲིང་བསྡུས་གསུམ་དང་། བསྐལ་བཟང་། བརྒྱ་བཞི། གཏོར་བཟློག་བཅས་བྱ་དགོས གལ་སྲིད་རུས་ཆེན་མེ་ཁམས་ཇི་ཡིན་པའི་བརྩི་བྱ་གང་དེའི་རང་ལོ་བྱ་ཡིན་པར་ཆ་བཞག་ན། བྱའི་སྲོག་ཁམས་ལྕགས་དེ་རུས་ཁམས་མེ་ཡི་གྲོགས་ཡིན་པས། སྒོས་རྡེལ་གཅིག་པོ་གྲོགས་ལོ་སྟེ་རྡེལ་ནག་གཅིག་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག