96209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྱུ་ (1)
Part of speech མིང་ཚིག
Definition མངོན་པ། སྒྱུ་ཞེས་པ་ནི། རྙེད་བཀུར་ལ་ལྷག་པར་ཆགས་པའི་དབང་གིས་རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་སྟོན་པ་སྟེ། ནང་དུ་སེམས་ཤིན་ཏུ་མ་དུལ་ཡང་གཞན་བསླུ་བའི་བསམ་པས་ཞི་དུལ་ལྟར་ཚུལ་འཆོས་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། སྒྱུ་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཡོན་ཏན་མ་ཡིན་པ་ཀུན་ཏུ་སྟོན་པ་སྟེ། ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ། །འདིས་ནི་ལོག་འཚོའི་རྟེན་བྱེད་པར་གསུངས་ཏེ། གཞན་གྱི་སྣང་ངོར་ཚུལ་འཆོས་བྱེད་པ་ནི་ལོག་འཚོ་སྒྲུབ་པའི་རྟེན་ཁོ་ན་ལས་མ་འདས་སོ། །
Domain ཆོས་ལུགས།