96227

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྱུ་མ་རོལ་པས་རྣམ་པར་གྲོལ་བའི་ལེའུ་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་དྲུག་ཅུ་རེ་བཞི་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། དགུ་པ་མཐུན་པར་འཇུག་པར་བྱ་བ་ལ་ཆ་མཐུན་སྦྱོར་བའི་སྤྱོད་པ་དང། ཐབས་འཛུད་བསྲེ་བའི་སྤྱོད་པ་དང། ཐབས་འཇུག་ཐབས་ཀྱི་སྤྱོད་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་ལྡེམ་དགོངས་ཀྱི་བཤད་པ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །
Domain ཆོས་ལུགས།