96245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྱུ་མའི་དཔེ་བཅུ་གཉིས་ (1)
Part of speech མིང་ཚིག
Definition ༡ སྒྱུ་མ་ལྟ་བུ་ནི། ངོ་བོས་མ་གྲུབ་ཀྱང་རྒྱུ་རྐྱེན་སྣ་ཚོགས་པ་ལྟར་ལས་སྣང་བས་སྒྱུ་མ་ལྟ་བུ། ༢ ཆུ་ཟླ་ལྟ་བུ་ནི། གར་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ། ༣ མིག་ཡོར་ལྟ་བུ་ནི། ཤ་རུས་སོགས་བྲལ་ཡང་ལུས་སུ་སྣང་བའི་གཟུགས་བརྙན་མིག་ཡོར་རམ་གྲིབ་མ་ལྟ་བུ། ༤ སྨིག་རྒྱུ་ལྟ་བུ་ནི། སྤྲུལ་པ་སྤྲོ་བསྡུ་མང་པོ་བྱེད་པ་སྨིག་རྒྱུ་ལྟ་བུ། ༥ རྨི་ལམ་ལྟ་བུ་ནི། རླུང་སེམས་ཙམ་ལས་གྲུབ་པ་རྨི་ལམ་ལྟ་བུ། ༦ བྲག་ཅ་ལྟ་བུ་ནི། རྣམ་སྨིན་ལུས་དང་རྒྱུད་གཅིག་ཀྱང་ཐ་དད་ལྟར་སྣང་བ་བྲག་ཅ་ལྟ་བུ། ༧ དྲི་ཟའི་གྲོང་ཁྱེར་ལྟ་བུ་ནི། རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ། ༨ མིག་འཕྲུལ་ལྟ་བུ་ནི། གཅིག་ཡིན་ཀྱང་དུ་མ་སྟོན་པ་མིག་འཕྲུལ་ལྟ་བུ། ༩ འཇའ་ཚོན་ལྟ་བུ་ནི། ཁམས་ལྔའི་དྭངས་མ་ལས་གྲུབ་པའམ་ཁ་དོག་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུ། ༡༠ གློག་ལྟ་བུ་ནི། རགས་པའི་ལུས་སྤྲིན་དང་འདྲ་བའི་གསེབ་ན་ཞིང་ཁམས་སྣང་བར་བྱེད་པའི་འོད་གློག་འགྱུ་བ་དང་འདྲ་བས་གློག་ལྟ་བུ། ༡༡ ཆུའི་ཆུ་བུར་ལྟ་བུ་ནི། སྟོང་པའི་ངང་ལས་རྣམ་རྟོག་མེད་བཞིན་ཐོལ་གྱིས་རང་ཤར་དུ་བསྐྱེད་པ་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུ། ༡༢ མེ་ལོང་གི་གཟུགས་བརྙན་ལྟ་བུ་ནི། ཡན་ལག་དང་ཉིང་ལག་ཅིག་ཅར་རྫོགས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། རྡོ་རྗེའི་སྐུའི་མཚོན་དཔེ་དེ་རེ་རེས་ཀྱང་མཚན་ཉིད་ཀྱི་ཟུར་རེ་རེ་བསྟན་ཏེ་མཚན་ཉིད་བཅུ་གཉིས་ཚང་བའོ། །
Domain ཆོས་ལུགས།