96248
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་སྒྱུ་མའི་ཕྱག་རྒྱའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། སྒྱུ་མའི་ཕྱག་རྒྱའི་བརྟུལ་ཞུགས་ཀྱིས། །ཐབས་ལ་མཁས་པའི་ལས་ཆེན་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེར་ན་སྒྱུ་མ་མཁན་གྱི་སླུ་སེམས་ཀྱིས་རྟ་དང་གླང་པོ་བྱེད་དེ་སྒྱུ་མའི་ཚུལ་གྱིས་འདྲིད་པ་ལྟར་རྣལ་འབྱོར་ཆེན་པོ་བས་སྐུ་ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་བསྒོམ་ནས་དེ་ལའང་མི་གནས་པར་ཐབས་ལ་མཁས་པས་དོན་བྱེད་པའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |