96261
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔ་འགྱུར་རྙིང་མའི་མདོ་སྒྱུ་སེམས་གསུམ་གྱི་ཡ་གྱལ། སྒྱུ་འཕྲུལ་གྱི་རྩ་བའི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྟེ། །རྒྱུད་འདི་ལ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་དང་ལོ་ཙཱ་བའི་རྩལ་འགྱུར་གཉིས་བཅས་ཡོད། དེའང་སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། སློབ་དཔོན་ཆེན་པོ་པདྨ་དང་གཉགས་ཀྱི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་བཅས་ལོ་པཎ་དེ་རྣམས་ཀྱིས་ལེགས་པར་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ། ཕྱིས་སུ་ཐར་ལོ་ཉི་མ་རྒྱལ་མཚན་དང་། འགོས་ལོ་གཞོན་ནུ་དཔལ་གྱིས་རྩལ་འགྱུར་གནང་བ་བཞུགས། |
| Domain | ཆོས་ལུགས། |