From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྱུ་འཕྲུལ་དྲ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་གསང་བ་སྙིང་པོ་སྟེ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བ། རྙིང་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་ལེའུ་རྩ་གཉིས་ཀྱི་རང་བཞིན་ཅན་ཞིག
|
སྒྱུ་འཕྲུལ་དྲ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཅིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་ཞུས་ལན་གྱི་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་སུམ་ཅུ་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་སྒྱུ་འཕྲུལ་དྲ་བ་(མཆོག)དང༌། ཞེས་གསུངས་སོ། །
|
| Domain
|
[ཆོས་ལུགས།, ལྟ་གྲུབ།]
|