96317
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། སྒྱུ་འཕྲུལ་རྡོ་རྗེ་ཉིད་ནི་བཅོམ་ལྡན་འདས་མི་བསྐྱོད་པ་སྟེ། དཔལ་གསང་བའི་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། བཅོམ་ལྡན་འདས་མི་བསྐྱོད་པ་ལ་ནི། སྒྱུ་འཕྲུལ་རྡོ་རྗེ་ཉིད་ཅེས་བྱ་སྟེ། ཅིའི་ཕྱིར་ན། རྡོ་རྗེ་ཕུང་པོ་ཞེས་པ་ནི་ཉིད་རྣམ་པར་ཤེས་པའི་ཕུང་པོ་ལ་གསུངས་པའི་ཕྱིར་རོ། །གཉིས་སུ་ན། ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ལས་བྱུང་བ་ལས་སྒྱུ་འཕྲུལ་རྡོ་རྗེ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། ། |