96318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྱུ་འཕྲུལ་རྣམ་དག་ཉིད་ (1)
Part of speech མིང་ཚིག
Definition རྙིང་མ། སྒྱུ་འཕྲུལ་རྣམ་དག་ཉིད་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། བྷ་ག་བཱན་སྣང་བ་མཐའ་ཡས་ལ་ནི། སྒྱུ་འཕྲུལ་རྣམ་དག་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། པདྨའི་རིགས་ཡིན་པས་པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པས་མི་གོས་པ་དང་འདྲ་བར། བྷ་ག་བཱན་འཁོར་བ་ན་གནས་ཀྱང་དེའི་ཉེས་པས་མི་གོས་པའི་ཕྱིར་རོ། །ཡང་ན་ཐབས་དང་ཤེས་རབ་འདོད་ཆགས་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།