96323
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འོད་གསལ་དང་ཟུང་དུ་འཇུག་པའི་སྒྱུ་ལུས་ཁྱད་པར་ཅན་ཟུང་འཇུག་གི་སྐུའམ་ལོངས་སྤྱོད་རྫོགས་པའི་སྐུར་གོ ། དེ་ཡང་སྦས་དོན་གྱི་སྒྱུ་ལུས་གོམས་པ་མཐར་ཕྱིན་པ་ན། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པས་སློབ་པའི་ཟུང་འཇུག་འཇའ་ལུས་སྒྱུ་མའི་སྐུ་ཅན་རྒྱུའི་ཚུལ་གྱིས་མཚམས་སྦྱར་ཏེ། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་རྩ་བ་ནས་སྦྱངས་ཏེ་མཐར་ཐུག་སྒྱུ་མའི་ལྷ་སྐུ་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཚུལ་དུ་འགྲུབ་པར་འགྱུར་རོ། ། |
| Domain | ཆོས་ལུགས། |